ཚོགས་ཆུང་།
Tenzin Choedon
དམིགས་བསལ་ལས་འགུལ་དོ་དམ་པ།
ང་ཕ་རི་སི་(France)ལ་སྐྱེས་ཤིང་འཚར་ལོངས་བྱུང་བ་ཞིག་ཡིན་མོད། དབྱར་ཁའི་དུས་ཚོད་མང་ཆེ་བ་རྒྱ་གར་གྱི་ས་གནས་ཀ་ལིམ་པོང་དང་དྷ་རམ་ས་ལར་སྐྱེལ་བཞིན་ཡོད། སྐབས་དེར་ཕ་རི་སི་ལ་དེང་སང་ལྟ་བུའི་བོད་པའི་སྤྱི་ཚོགས་ཤིག་མེད། དབྱར་ཁའི་དུས་ཚོད་དེ་དག་གིས་ངའི་ངོ་བོ་གཏན་འཁེལ་བར་རྨང་གཞི་བཏང་བས་ད་ཆ་བོད་པའི་གཞོན་སྐྱེས་བརྟན་བཞུགས་དང་ན་གཞོན་དུས་སྟོན་ཐོག་མ་དེའི་ཆ་ཤས་སུ་ཞུགས་ཐུབ་པ་ནི་མངོན་འདོད་ཡོངས་སུ་འགྲུབ་པ་ལྟ་བུ་ཞིག་ཏུ་ཚོར། རྗེས་སུ་ངས་ལོན་ཌོན་དུ་རྒྱལ་སྤྱིའི་འབྲེལ་ལམ་ཐོག་སློབ་སྦྱོང་བྱས་ཤིང་ལོ་གཉིས་རིང་ཨེམ་སི་ཊར་ཌམ་དུ་ཡོད་པའི་ཡུ་རོབ་བོད་དོན་རྒྱལ་སྤྱིའི་ལས་འགུལ་ཁང་དང་ལྷན་དུ་ལས་ཀ་བྱས་མྱོང་། དེ་དང་མཉམ་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པར་ཉམས་གསོག་གི་ངོ་བོས་ཐོག་མཉམ་ཞུགས་བྱས་ཤིང་། དེ་ནས་སྔེ་ཚན་གྱི་ཚོགས་གཙོ། ད་ལྟ་སྦྱོང་བརྡར་སྤྲོད་མཁན་བཅས་ཡིན། འདི་ལོའི་དབྱར་དུས་སུ་རྡ་སར་བསྡད་དེ་བོད་སྐད་ཡར་རྒྱས་གཏོང་བའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་།Read More
Tenzing Dheden
འབྲེལ་མཐུད་པ།
ངའི་མིང་ལ་བསྟན་འཛིན་བདེ་ལྡན་ཟེར་གྱི་ཡོད། ད་ལྟ་ངས་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་དང་འབྲེལ་བའི་ལས་ལས་བྱེད་ཅིག་ཡིན། ལས་འཆར་དེ་དག་ནི་མི་སྒེར་གྱི་ནུས་པ་གོང་འཕེལ་དང་ཡར་རྒྱས་ཀྱི་ལས་འགུལ་ལ་གཙོ་བོར་དམིགས་གཏད་བྱས་ཡོད། ལས་ཞོར་དུ། བཞུགས་སྒར་དུ་དང་བླང་བོད་དོན་ཞུ་གཏུག་གི་ཚན་པ། (VTAG)ཞེས་པ་གོ་སྒྲིག་བྱེད་ཀྱི་ཡོད། དེའི་ནང་ངས་གཞོན་སྐྱེས་ཀྱིས་སྣེ་ཁྲིད་པའི་བགྲོ་གླེང་དང་ལས་འགུལ་སྤེལ་སའི་ཁོར་ཡུག་བསྐྲུན་རྒྱུར་རོགས་རམ་བྱེད་ཀྱི་ཡོད། ང་རང་སྒྲུང་བཤད་རྒྱུར་དགའ་ཞེན་ཆེན་པོ་ཡོད་ལ། བྱེད་ཐབས་དེ་ནི་བོད་མིའི་ངོ་བོ་སྲ་བརྟན་དང་འབྲེལ་ལམ་གསར་བཟོ་བཅས་ལ་ཕན་ནུས་ལྡན་པ་ཞིག་ཏུ་མཐོང་གི་ཡོད། ངས་བོད་ཀྱི་ན་གཞོན་དུས་སྟོན་བརྒྱུད་ནས་ང་ཚོའི་ཉམས་མྱོང་རྣམས་མཉམ་སྤྱོད་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད།Read More
Tenzin Gawa Gope
འབྲེལ་མཐུད་འགན་འཛིན།
བཀྲ་ཤིས་བདེ་ལེགས། ངའི་མིང་ལ་དགའ་བ་ཟེར་ཞིང་ང་སུད་སི་རྫི་རིག་(Zurich) གྲོང་ཁྱེར་དུ་གནས་སྡོད་བྱེད་ཀྱི་ཡོད། ངས་རྩིས་ཁྲའི་ལམ་སྟོན་པའི་ལས་ཀ་བྱེད་ཀྱི་ཡོད། ལོ་གཅིག་ཙམ་གྱི་སྔོན་ལ་ང་རང་བརྙན་པར་ལེན་རྒྱུ་དང་ནང་དོན་བཟོ་སྐྲུན་བྱེད་རྒྱུར་དོ་སྣང་ཡོད་པ་ཤེས་རྟོགས་བྱུང་། ད་ལོའི་ལོ་སྟོད་ལ་(TYAE) ནང་དུ་མཉམ་ཞུགས་བྱས་པ་ནས་བཟུང་ང་ལ་ཚོགས་པའི་ཆེད་དུ་བརྙན་པར་ཁ་ཤས་བཟོ་རྒྱུའི་གོ་སྐབས་ཐོབ་བྱུང་། ལས་ཀའི་ཞོར་དུ་ང་རང་རྩེད་རིགས་འདྲ་མིན་རྩེ་རྒྱུར་དགའ་པོ་ཡོད། འབྲེལ་མཐུད་འགན་འཛིན་གྱི་ངོས་ནས་བོད་ཀྱི་གཞོན་སྐྱེས་བརྟན་བཞུགས་ཐེངས་དང་པོ་དང་དུས་སྟོན་ནང་དུ་མཉམ་ཞུགས་བྱེད་རྒྱུར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་།Read More
Dawa Lhamo
བོད་ཡིག་ཡིག་བསྒྱུར་བ།
ངའི་མིང་ལ་ཟླ་བ་ལྷ་མོ་ཟེར་གྱི་ཡོད། གུས་མོ་སྤྱི་ལོ་༢༠༠༦ལོར་བོད་ནས་འབྱོར་ཏེ་མ་སུ་རི་བོད་ཁྱིམ་དུ་སློབ་ཞུགས་བྱས་ཏེ་སྤྱི་ལོ་༢༠༡༦ལོར་བསླབ་པ་མཐར་སོན། དེ་ནས་ལོ་བཞིའི་རིང་ས་རཱ་མཐོ་སློབ་ཏུ་བོད་ཀྱི་རིག་གནས་ཐོག་སློབ་སྦྱོང་བྱས་པ་ཡིན། དེ་ནས་ལོ་གཉིས་ཀྱི་རིང་ས་རཱ་དང་ཤེས་རིག་མཉམ་འབྲེལ་ཐོག་ནས་བྱིས་སྒྲུང་སྒྱུར་བའི་སྡེ་ཚན་ལ་མཉམ་ཞུགས་བྱས་ཏེ་བྱིས་སྒྲུང་དེབ་༨་ཙམ་བསྒྱུར་བ་ཡིན། དེ་ནས་ནང་བསྟན་སྲི་ཞུ་ཁང་ལ་ལོ་གསུམ་རིང་ཕྱི་རྒྱལ་སློབ་མ་རྣམས་ལ་བོད་ཡིག་སློབ་ཁྲིད་བྱེད་མྱོང་། ད་ལྟ་རང་ཉིད་སྒེར་ཐོག་ནས་དྲྭ་ཐོག་ནས་བོད་ཡིག་སློབ་བཞིན་ཡོད་ལ་ཞོར་དུ་ཡིག་བསྒྱུར་གྱི་ལས་ཀ་ཆུང་ཆུང་དེ་འདྲ་བྱེད་ཀྱི་ཡོད།Read More
Chimey Nelung
དངུལ་རྩིས་འགན་འཛིན།
བཀྲ་ཤིས་བདེ་ལེགས། ངའི་མིང་ལ་འཆི་མེད་ཟེར་ཞིང་ང་སུད་སི་རྫི་རིག་(Zurich) གི་ནང་དུ་གནས་སྡོད་བྱེད་ཀྱི་ཡོད། ངས་དངུལ་རྩིས་ནང་ལས་ཀ་བྱེད་ཀྱི་ཡོད་ལ་དུས་ཚོད་སྟོང་པའི་སྐབས་སུ་རླབས་ཤུད་རྩེད་མོ་རྩེ་རྒྱུ་དང་རྐང་རྩེད་སྤོ་ལོ་རྩེ་རྒྱུར་དགའ་པོ་ཡོད། སྔོན་མ་ངས་(TYAE) ཚོགས་པའི་འགན་འཛིན་ལྷན་ཚོགས་ནང་ཞབས་ཞུ་བསྒྲུབས་པ་དང་། རྒྱལ་སྤྱིའི་བོད་པའི་གཞོན་ནུའི་ལས་རིམ་ཁ་ཤས་གོ་སྒྲིག་བྱེད་པར་རོགས་པ་བྱས་མྱོང་ལ་མཉམ་ཞུགས་ཀྱང་བྱེད་མྱོང་ཡོད། ཐེངས་འདིའི་བོད་པའི་ན་གཞོན་བརྟན་བཞུགས་ཐེངས་དང་པོར་མཉམ་ཞུགས་བྱེད་རྒྱུ་དང་་། དུས་སྟོན་ཚོགས་ཆུང་ལ་ངར་ཤུགས་སྤྲོད་པའི་ལས་དོན་ཞིག་འགོ་འཛུགས་པའམ་འདོན་སྤེལ་གྱི་རོགས་པ་བྱེད་ཐུབ་པར་ཧ་ཅང་དགའ་པོ་བྱུང་།Read More
Tenzin Nyima
མཐུན་གྲོགས་དང་འབྲེལ་ལམ་དོ་དམ་པ།
བསྟན་འཛིན་ཉི་མ། མཐུན་གྲོགས་དང་འབྲེལ་ལམ་དོ་དམ་པ། བསྟན་འཛིན་ཉི་མ་ནི་ཀོ་ལེ་གྷལ་ནས་ཡིན་ཞིང་ད་ལྟ་སྨོན་ལམ་བོད་ཀྱི་དྲྭ་འབྲེལ་དང་ཞིབ་འཇུག་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་གྱི་ཐུགས་འགན་བཞེས་བཞིན་ཡོད། ཁོ་མོར་དངུལ་རྩིས་ཆེད་ལས་ཀྱི་ཤེས་ཚད་ཡོད་པ་མ་ཟད། སྔོན་མར་ཁོ་མོས་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་དང་། འཚེ་མེད་ཞི་བའི་སློབ་གསོའི་ལྟེ་གནས་ཁང་བཅས་སུ་ཞི་བདེ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་མྱོང་ཡོད། ཆེད་ལས་ཀྱི་ལས་དོན་ཞོར་དུ་རྩ་རླུང་སྒོམ་སྦྱང་ལ་དགའ་ཞེན་ཆེ་ཞིང་། ཉམས་ལེན་ཐད་ལག་ཁྱེར་ཡོད་པ་མ་ཟད། དྲན་ཤེས་ལྡན་པ་དང་བཏང་སྙོམས་གྱི་འཚོ་བ་སྐྱེལ་ཐབས་བྱེད་ཀྱི་ཡོད། ཁོ་མོ་ནི་རང་བྱུང་ཁམས་ལ་དགའ་མཁན་ངོ་མ་ཞིག་ཡིན་པས། རང་བྱུང་ཁམས་ཀྱི་འཇིག་རྟེན་ནས་ངར་ཤུགས་དང་རྨང་གཞི་རྙེད་ཀྱི་ཡོད་ལ། སྒེར་གྱི་འཚོ་བ་དང་ཆེད་ལས་ཀྱི་འཚོ་བ་གཉིས་ཀར་ཞབས་ཞུ་དང་། བདེ་ཐང་། རྒྱུན་སྲིང་བཅས་ལ་དམིགས་པ་གཏད་དེ་འཚོ་བ་སྐྱེལ་བཞིན་ཡོད།Read More
Tenzin Phakdon
དང་བླང་ཚོགས་སྡེའི་འགན་འཛིན།
བཀྲ་ཤིས་བདེ་ལེགས། ང་རང་རྒྱ་གར་ནང་སྐྱེས་ཤིང་འཚར་ལོངས་བྱུང་བའི་བོད་པ་ཞིག་ཡིན། ང་རང་ངོ་སྤྲོད་བྱེད་སྐབས་རྒྱལ་ཁབ་མེད་པ་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད། དེ་ནི་སྐྱབས་བཅོལ་བ་དང་ངའི་རྒྱལ་ཁབ་བོད་ཀྱི་སྐོར་གླེང་སློང་བྱེད་ཐུབ་པའི་ཆེད་དུ་ཡིན། ངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་ལས་ཀ་བྱེད་ཀྱི་ཡོད།Read More
Jamyang Phuntsok
དུས་སྟོན་དོ་དམ་པ།
ང་ནི་རྒྱ་གར་དུ་རྟེན་གཞི་བྱས་པའི་འཁྲབ་གཞུང་རྩོམ་པ་པོ་དང་གློག་བརྙན་བཟོ་སྐྲུན་པ་ཞིག་ཡིན། ངས་དངོས་ཁམས་རིག་པའི་ཐོག་ལ་སློབ་སྦྱོང་བྱེད་མྱོང་ཡོད་ཀྱང་། གློག་བརྙན་གྱི་ལས་དོན་ཆེད་དེའི་ཐོག་མུ་མཐུད་བསྐྱོད་མཚམས་བཞག་པ་ཡིན། ངའི་གློག་བརྙན་ཐུང་གྲས་ཐོག་མ་‘ཆུ་འཁོར’ཞེས་པ་དེ་རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན(DIFF 2024) ཞེས་པའི་སྐབས་གཟིགས་འབུལ་ཞུས་པ་དང་། ངས་སྒྲུང་གློག་བརྙན་ཁང་གི་ཆེད་དུ་ (Drung Films) བོད་ཀྱི་དྲྭ་ཐོག་བརྙན་རིམ་(Webseries)བྲིས་མྱོང་ཡོད། ད་དུང་ང་ལ་བོད་སྐད་ཀྱི་གཏམ་གླེང་གི་བརྒྱུད་ལམ( podcast) ཞིག་ཀྱང་ཡོད་པ་དེའི་མིང་ལ་འཁྱལ་གཏམ “Khyeltam” ཟེར་(སྤྱི་ལོ་ ༢༠༡༨ ནས་འགོ་བཙུགས་)བ་དང་ང་ཝ་ཟུར་ཟེར་བའི་བོད་ཀྱི་སྐད་དང་རྩོམ་རིག་གི་སྡེ་ཚན་ནང་མཉམ་ཞུགས་ཡོད། མ་ཟད་ཝ་ཟུར་དང་མཉམ་དུ་ང་ཚོས་ ༢༠༢༤ ལོར་བོད་ཀྱི་ཀློག་འདོན་འདུ་ཚོགས་ཐོག་མ་དེ་གོ་སྒྲིག་བྱས་པ་ཡིན། གློག་བརྙན་གྱི་ཞོར་དུ་ང་རྩོམ་རིག་དང་དབྱུག་རྩེད་སྤོ་ལོ། རི་འཛེག་བྱ་རྒྱུར་དགའ་བོ་ཡོད།Read More
Nyma Schneider
ཁོར་ཡུག་རྒྱུན་འཛིན་པ།
ངའི་མིང་ལ་ཉི་མ་ཟེར་ཞིང་ད་ལྟ་རྒྱ་གར་རྡ་རམ་ས་ལར་གནས་སྡོད་བྱེད་ཀྱི་ཡོད། ས་རྭ་མཐོ་སློབ་ལ་བོད་ཀྱི་སྐད་ཡིག་དང་ནང་ཆོས་སློབ་སྦྱོང་བྱེད་མུས་ཡིན། ང་སུད་སི་རྫི་རིག་(Zurich)ཏུ་སྐྱེས་ཤིང་འཚར་ལོངས་བྱུང་བ་ཞིག་ཡིན། ལོ་ཤས་གོང་ལ་(TYAE)ནང་དུའང་མཉམ་ཞུགས་བྱས་མྱོང་། ང་ལ་ཐོབ་པའི་ཉམས་མྱོང་དེ་དག་གིས་བོད་ཀྱི་ན་གཞོན་བརྟན་བཞུགས་དང་དུས་སྟོན་འདིའི་ནང་དང་བླང་ཞབས་ཞུ་ཞུ་རྒྱུར་རེ་སྐུལ་དང་སེམས་ཤུགས་བྱུང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་ཡོད་པའི་དོན་སྙིང་ལྡན་པའི་བྱེད་སྒོ་ཞིག་གི་ཆེད་དུ་ལས་ཀ་བྱེད་ཐུབ་པ་དང་། ང་ཚོའི་སྤྱི་ཚོགས་ཆེད་ཁོར་ཡུག་ལ་ཕན་ཐོགས་པའི་དུས་སྟོན་ཞིག་བསྐྲུན་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་།Read More
Tenzin Nyidon Taklung
ཁོར་ཡུག་རྒྱུན་འཛིན་པ།
ངའི་མིང་ལ་ཉི་སྒྲོན་སྟག་ལུང་ཟེར་ཞིང་དྷ་རམ་ས་ལར་གནས་སྡོད་བྱེད་བཞིན་ཡོད། ད་ལྟ་སཱ་ར་བོད་ཀྱི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་པའི་ཞོར་ལ། ངའི་ཁྱིམ་ཚང་གི་ཐང་ག་འབྲི་སྟོན་ཁང་ནང་འབྲེལ་མཐུད་ཀྱི་ལས་ཀ་བྱེད་མུས་ཡིན། ངས་འཛམ་གླིང་གི་མི་རྣམས་དང་བོད་ཀྱི་སྒྱུ་རྩལ་བར་འབྲེལ་མཐུད་ཆེད་རོགས་རམ་དང་། དུས་མཚུངས་སུ་བོད་ཀྱི་ན་གཞོན་དུས་སྟོན་ཚོགས་པ་དང་ལྷན་དུ་ཁོར་ཡུག་རྒྱུན་གནས་ཐད་དང་བླང་ཞབས་ཞུ་བྱེད་ཀྱི་ཡོད། ང་ཚོས་མང་ཚོགས་ལ་གོ་རྟོགས་སྤེལ་བ་དང་། བསམ་ཚུལ་མཉམ་སྤྱོད། ང་ཚོའི་སྤྱི་ཚོགས་ནང་འགྱུར་བ་བཟང་པོ་ཡོང་བར་རོགས་པ་བྱེད་ཐུབ་པའི་རེ་བ་ཡོད།Read More
Palmo Tenzin
དུས་སྟོན་དོ་དམ་པ།
ང་རང་འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་གནས་སྡོད་བྱེད་ཀྱི་ཡོད། འོན་ཀྱང་ང་རང་རྒྱ་གར་གྱི་ས་གནས་དྷ་རམ་ས་ལར་སྐྱེས་པ་དང་ཨོ་སི་ཊི་ལི་ཡའི་གྲོང་ཁྱེར་ཁན་བྷེ་ར་(canberra)ནང་འཚར་ལོངས་བྱུང་བ་ཞིག་ཡིན། ད་ལྟ་ངས་འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ཉམས་ཞིབ་པ་རྒན་པ་དང་དྲིལ་བསྒྲགས་འགན་འཛིན་གྱི་ལས་ཀ་བྱེད་བཞིན་ཡོད། སྔོན་མ་ངས་ཨོ་སི་ཊི་ལི་ཡའི་གཞུང་གི་ལས་ཀ་བྱས་མྱོང་། རྒྱ་ནག་གཞུང་གི་སྲིད་བྱུས་དང་སྒྲོམ་གཞིར་ཉམས་ཞིབ་ཀྱིས་བོད་མི་རྣམས་ཀྱིས་དེར་ཇི་ལྟར་ལན་འདེབས་དང་གོ་རྟོགས་དང་སྤེལ་ཏེ་མཉམ་ཞུགས་བྱེད་ཕྱོགས་ཀྱི་ཐད་ལ་དོ་སྣང་བྱེད་བཞིན་ཡོད། ངས་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་སོགས་ཀྱི་སྐོར་ལ་སློབ་སྦྱོང་བྱེད་མྱོང། ལས་ཀ་མེད་པའི་སྐབས་སུ་ང་རྩེད་རིགས་ལ་དགའ་པོ་ཡོད། འོན་ཀྱང་དེང་སང་ངས་རྐང་འཁོར་ཞོན་རྒྱུ་དང་ངའི་ཕྲུ་གུ་གཉིས་ལ་ལྟ་རྟོག་བྱེད་རྒྱུར་ཧུར་བརྩོད་བྱེད་བཞིན་ཡོད།Read More
Tsering Tharchin
སྦྱིན་བདག་འབྲེལ་མཐུད་པ།
བཀྲ་ཤིས་བདེ་ལེགས། ང་ལྷོ་བྲག་མཐར་ཕྱིན་ཡིན། བོད་ནས་སྐྱེས་ཤིང་ཕྱི་ལོ་༢༠༠༢ རང་ལོ་ ༡༣ ཐོག་རྒྱ་གར་ལ་བྲོས་བྱོལ་དུ་འབྱོར། ད་ལྟ་རྒྱ་གར་རྒྱལ་ས་ལྡི་ལིར་གནས་སྡོད་བྱས་ཏེ་རྒྱ་ནག་དང་རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་ཀྱི་སྐོར་ལ་ཞིབ་འཇུག་དང་རང་མོས་ཀྱི་ལས་ཀ་བྱེད་བཞིན་ཡོད།Read More
Ngawang Youtso
དང་བླང་ཚོགས་སྡེའི་འགན་འཛིན།
I am a Tibetan professional with a strong background in advocacy, community organising, and programme management. I have previously worked wi…Read More














