སྒྲིག་གཞི།
ངོ་སྤྲོད།
འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་བོད་རིགས་གཞོན་སྐྱེས་རྣམས་རྒྱ་གར་དྷ་སྟེང་བོད་ཁྱིམ་དུ་ཉིན་གསུམ་རིང་ཚུགས་རྒྱུའི་རྒྱལ་སྤྱིའི་བོད་ཀྱི་ན་གཞོན་དུས་སྟོན་ལ་ཕེབས་པར་དགའ་བསུ་ཞུ། དུས་སྟོན་འདི་ནི་རིག་གཞུང་དང་། སྤྱི་ཚོགས། གསར་གཏོད་བཅས་ལ་སྲུང་བརྩི་ཞུ་བ་ཞིག་ཡིན། ཚང་མར་བདེ་འཇགས་དང་། ཕྱོགས་རིས་མེད་པ། གུས་ཞབས་ལྡན་པའི་ཁོར་ཡུག་ཅིག་ཡོང་ཆེད་ང་ཚོས་སྒྲིག་གཞི་འདི་བཟོས་ཡོད། དུས་སྟོན་ལ་མཉམ་ཞུགས་གནང་མཁན་དང་། གཏམ་བཤད་པ། འཁྲབ་སྟོན་པ། དང་བླངས་ཞབས་ཞུ་བ། ལས་བྱེད་བཅས་ཚང་མས་ཟབ་སྦྱོང་དང་། བཞུགས་མོལ། འབྲེལ་ལམ། རོལ་དབྱངས་དགོངས་ཚོགས་བཅས་ཀྱི་རིང་ལ་སྒྲིག་གཞི་འདི་དག་ལ་བརྩི་སྲུང་གནང་རྒྱུའི་རེ་བ་ཞུ་ཡི་ཡོད། དུས་སྟོན་འདིར་མཉམཞུགས་བྱས་པ་བརྒྱུད་ཁྱེད་རང་གིས་སྒྲིག་གཞི་འདི་རྒྱུན་འཁྱོངས་དང་ཚང་མར་མྱོང་ཚོར་ཟབ་པོ་ཞིག་ཡོང་བར་ཕན་ཐོགས་པའི་ཡིད་ཆེས་བྱེད་ཀྱི་ཡོད།
ཀུན་སྤྱོད་ཀྱི་རེ་འདོན།
- འདུ་ཤེས་འདྲེས་མཐུན་དང་རིག་གཞུང་གི་གུས་ཞབས།ཚང་མར་གུས་ཞབས་དང་བྱམས་བརྩེ། སེམས་བཟང་བྱེད་དགོས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སྣ་མང་རང་བཞིན་ལ་བརྩི་བསུ་དང་། ཕན་ཚུན་གྱི་རིག་གཞུང་རྒྱབ་ལྗོངས་ལ་བརྩི་འཇོག་བྱེད་དགོས། ང་ཚོས་འདུ་ཤེས་འདྲེས་མཐུན་དང་ཕན་ཚུན་གོ་བརྡ་སྤྲོད་པ། བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་པ་བཅས་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཚང་མས་ལྷག་བསམ་རྣམ་དག་ངང་ཕན་ཚུན་གྱི་རིག་གཞུང་ལ་གུས་ཞབས་དང་ཁྱད་པར་ལ་དང་ལེན། ཕན་ཚུན་ལ་སློབ་སྦྱོང་བྱེད་དགོས། མཐོང་ཆུང་དང་འགྲོ་འདུག་མི་བདེ་བ་བཟོ་བའི་བྱ་སྤྱོད་གང་ཞིག་རང་རེའི་རིན་ཐང་དང་འགལ་ཟླར་གྱུར་ན་བཟོད་བསྲན་བྱེད་ཐབས་བྲལ།
- སུན་གཙེར་དང་དབྱེ་འབྱེད།སུན་གཙེར་དང་ཐུབ་ཚོད་གཏོང་བ། ཡང་ན་དབྱེ་བ་འབྱེད་པ་སོགས་གང་རུང་ལ་མཐའ་གཅིག་ཏུ་དགག་པ་ཡོད། འདི་ནང་ལ་བརྙས་བཅོས་དང་དམའ་འབེབས་ཀྱི་རྣམ་འགྱུར་དང་། ཚིག་ངན། ཡང་ན་ཆོབ་དང་འབྲེལ་ནས། (འོན་ཀྱང་ཚད་བཀག་མེད་)མི་ཞིག་གི་མི་རིགས་དང་མི་རྒྱུད། རྒྱལ་ཁབ། ཕོ་མོའི་ངོ་བོ། འཁྲིག་སྤྱོད་ཀྱི་ཁ་ཕྱོགས། ཆོས་ལུགས་སམ་ཡིད་ཆེས། ལོ་ཚད། དབང་པོ་སྐྱོན་ཅན། གཟུགས་བྱད། ཡང་ན་མི་སྒེར་གྱི་ཁྱད་ཆོས་དང་འབྲེལ་བ་ཡོད་པའིབརྙས་བཅོས། དམའ་འབེབས། ཚིག་ངན། ཡང་ན་ཕྱོགས་ཞེན་སོགས་འདིར་བྱེད་མི་ཆོག ང་ཚོས་བྱ་སྤྱོད་དེ་དག་ལ་བཟོད་བསྲན་རྩ་བ་ནས་མི་བྱེད་པའི་སྲིད་བྱུས་རྒྱུན་འཛིན་བྱེད་ཀྱི་ཡོད། འདོད་པ་མེད་པའི་འཁྲིག་སྤྱོད། འོས་འབབ་མེད་པའི་རེག་བྱ། ཡང་ན་འཁྲིག་སྤྱོད་ཀྱི་འཚེ་བའི་བྱ་བ་གང་ཡང་བྱེད་མི་ཆོག བྱ་སྤྱོད་ཚད་ལས་འགལ་མི་ཆོག མ་ཟད་དུས་དང་རྣམ་པ་ཀུན་ཏུ་མི་སྒེར་གྱི་ས་མཚམས་ལ་གུས་ཞབས་བྱེད་དགོས། གལ་ཏེ་མི་ཞིག་གིས་ཁྱོད་ལ་“འདོད་པ་མེད་་”ཟེར་བ། ཡང་ན་ཁྱོད་ལ་བྱ་སྤྱོད་གང་རུང་མཚམས་འཇོག་བྱེད་དགོས་ཟེར་ན། ཁྱོད་ཀྱིས་འཕྲལ་དུ་ཁོ་ཚོའི་འདོད་པ་ལ་གུས་ཞབས་བྱེད་དགོས།
- བདེ་འཇགས་ཀྱི་སྤྱོད་ལམ་དང་བདེ་ཐང་།ང་ཚོར་བདེ་འཇགས་དང་ཁོར་ཡུག་བཟང་པོ་ཅིག་བསྐྲུན་པར་རོགས་རམ་གནང་རོགས། གནོད་འཚེ་དང་འཇིགས་སྐུལ་གྱི་སྤྱོད་ཚུལ་སྟོན་མི་ཆོག དེ་ཡང་གཞན་ལ་སྐད་རྒྱག་པ་དང་། འཕྱ་སྨོད་བྱེད་པ། ཡང་ན་རྐང་བཙུགས་ནས་གཞན་ལ་འཇིགས་སྐུལ་བྱེད་པ་བཅས་ཚུད་ཡོད། དྲག་སྤྱོད་དང་ཡང་ན་དྲག་སྤྱོད་ཀྱི་འཇིགས་སྐུལ་ནི་ངེས་པར་དུ་བཀག་འགོག་བྱེད་དགོས། དུས་སྟོན་གྱི་ས་ཆའི་ནང་དུ་མཚོན་ཆ་དང་ཡང་ན་ཉེན་ཚབས་ཅན་གྱི་དངོས་རྫས་འཁྱེར་མི་ཆོག གལ་ཏེ་ཁྱེད་ཀྱིས་སྡུག་བསྔལ་མྱོང་བཞིན་པའི་མི་ཞིག་མཐོང་བ་དང་ཡང་ན་རོགས་རམ་དགོས་པའི་མི་ཞིག་མཐོང་ཚེ། རོགས་པ་བྱེད་དགོས། ཁྱེད་ཀྱིས་རོགས་རམ་བྱེད་ཐུབ་ན་རོགས་རམ་བྱེད་དགོས། ཡང་ན་ལས་བྱེད་པར་བརྡ་སྤྲོད་དགོས། གལ་ཏེ་མི་ཞིག་གི་བདེ་འཇགས་དང་ཡང་ན་མི་གཤིས་ལ་ཉེན་ཁ་ཡོད་ཚེ། ཁ་བཙུམ་ནས་མ་བཞུགས་པར་ཚང་མས་འགན་འཁུར་ཅན་གྱི་སྤྱི་ཚོགས་ཤིག་བསྐྲུན་དགོས།
- དུས་སྟོན་སྐབས་ཞི་འཇམ་གྱི་རང་བཞིན་ལྡན་དགོས།དུས་སྟོན་གྱི་ལས་རིམ་སྤེལ་ས་ནི་མྱོས་རྫས་དང་ཆང་རག་མེད་པའི་གནས་ཤིག་ཏུ་ཡིན་པས། ཚོགས་ཡུལ་དང་བྱེད་སྒོ་ཁག་གི་ནང་ཆང་རག་དང་ཁྲིམས་འགལ་མྱོས་རྫས་བེད་སྤྱོད་བྱེད་མི་ཆོག འཛུལ་ཞུགས་པ་རྣམས་ཟབ་སྦྱོང་དང་། བགྲོ་གླེང་། ཚོགས་འདུ། དེ་བཞིན་རོལ་དབྱངས་དགོང་ཚོགས་སོགས་ལ་ར་བཟི་ནས་ཡོང་མི་ཆོག ། མི་དམངས་ལྷན་འཛོམས་སྐབས་ར་བཟི་ནས་འགྲོ་འོང་བྱེད་པ་ནི་རྩ་བ་ནས་བྱེད་མི་ཆོག་པ་ཞིག་ཡིན། དུས་སྟོན་གྱི་དུས་ཚོད་མིན་པའི་དུས་ཚོད་གཞན་ལ་ཁྱེད་རང་གི་འདོད་མོས་ལྟར་བྱེད་ཆོག་ཀྱང་། དུས་སྟོན་གྱི་དུས་ཚོད་རིང་ལ་སེམས་དྭངས་གསལ་དགོས། གལ་ཏེ་དུས་སྟོན་གྱི་ལས་རིམ་སྐབས་ཁྲིམས་འགལ་གྱི་དངོས་རྫས་བེད་སྤྱོད་བྱེད་མཁན་དང་ཡང་ན་ལས་རིམ་ལ་མངོན་གསལ་དོད་པོས་གནོད་པ་སྐྱེལ་མཁན་བྱུང་ཚེ། དེ་མ་ཐག་ཏུ་དུས་སྟོན་ནས་ཕྱིར་འབུད་གཏོང་རྒྱུ་མ་ཟད། མཇུག་འབྲས་གཞན་དག་ལའང་གདོང་ལེན་བྱེད་དགོས་ཐུག་སྲིད།
- གཙང་སྦྲ་དང་ཐུན་མོང་གི་ཁོར་ཡུགང་ཚོ་འདུ་འཛོམས་བྱེད་ཡུལ་གྱི་སྐུ་མགྲོན་དང་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པས། ང་ཚོའི་ཐུན་མོང་གི་ས་ཆར་བདག་སྐྱོང་གནང་རོགས། དུས་སྟོན་ས་ཁུལ་ཚང་མ་གཙང་ཞིང་དག་པར་འཇོག་དགོས། གཡས་གཡོན་ལ་ཛོར་པོ་མ་བཞག་པར་གད་སྙིགས་རྣམས་གད་སྣོད་ནང་ལ་བླུག་རོགས་གནང་། མཐུན་རྐྱེན་དང་ཡོ་བྱད། སྒྱུ་རྩལ་ལ་བརྩི་བཀུར་བྱེད་རོགས། ང་ཚོ་ཚང་མས་མི་ཚང་མར་སྤྲོ་སྣང་ལྡན་པའི་ཁོར་ཡུག་ཅིག་རྒྱུན་སྐྱོང་དང་ང་ཚོས་ཇི་ལྟར་མཐོང་བ་བཞིན་རང་ཅག་མཛེས་པར་འཇོག་རྒྱུར་འབད་བརྩོན་བྱེད་རོགས།
- ལས་བྱེད་པའི་བཀོད་བྱུས་ལ་བརྩི་སྲུང་ཞུ་དགོས།དུས་སྟོན་གོ་སྒྲིག་ཚོགས་ཆུང་དང་ལས་བྱེད་པ། དང་བླངས་ཞབས་ཞུ་བ་བཅས་(ཁོང་ཚོའི་ལག་འཁྱེར་རམ་ཡང་ན་སྟོད་ཐུང་ལ་བལྟས་ན་ཤེས་ཐུབ།)ཚང་མས་འདིར་བྱེད་སྒོ་བདེ་བླག་ངང་དང་བདེ་འཇགས་ངང་སྒྲུབ་ཐབས་སུ་རོགས་པ་བྱེད་ཀྱི་ཡོད། དུས་རྒྱུན་དུ་ལས་བྱེད་པས་བཀོད་བྱུས་གནང་བ་དེ་དག་ལ་བརྩི་སྲུང་ཞུ་རོགས་གནང་། གལ་ཏེ་ལས་བྱེད་པས་སམ་དང་བླངས་ཞབས་ཞུ་བ་ཞིག་གིས་ཁྱེད་ལ་བྱ་སྤྱོད་ངེས་ཅན་ཞིག་མཚམས་འཇོག་བྱེད་དགོས་ཟེར་བ་དང་། ཡང་ན་བདེ་འཇགས་ཀྱི་དོན་དུ་ས་ཁུལ་གཞན་ཞིག་ཏུ་སྤོ་དགོས་ཟེར་ཚེ་ཁྱེད་ཀྱིས་འཕྲལ་དུ་དང་ལེན་བྱེད་དགོས། དུས་སྟོན་ལས་བྱེད་པ་དང་མཉམ་འབྲེལ་མི་བྱེད་པ་དང་། ཁོང་ཚོས་ལམ་སྟོན་བྱས་པ་ལ་སྣང་མེད་བཏང་བ་ནི་སྒྲིག་གཞི་འདི་དང་འགལ་བ་ཡིན། དེ་མིན་ས་གནས་སམ་ཡང་ན་ཚོགས་ཐུན་དང་འབྲེལ་བའི་ལམ་སྟོན་གང་ཞིག་བཀྲམ་ཡོད་ཚེ་དེ་དག་ལའང་བརྩི་སྲུང་ཞུ་རོགས།(དཔེར་ན། པར་རྒྱག་མི་ཆོག་པ་དང་།(དགོས་མཁོ་བྱུང་ཚེ) མཉམ་ཞུགས་གནང་མཁན་གྱི་མི་གྲངས་ཚད་བཀག་བྱས་ཡོད་པ་སོགས་ལྟ་བུ།)
- འགན་ཁུར་ལྡན་པའི་སྤྲོ་སྐྱིད། རོལ་དབྱངས་དང་། བགྲོ་གླེང་། བྱེད་སྒོ་སོགས་ལ་སྤྲོ་སྣང་ཆེན་པོས་མཉམ་སྤྱོད་བྱེད་པ་དང་ཆབས་ཅིག འགན་ཁུར་དང་ལྡན་པ་ཞིག་བྱེད་རོགས་གནང་། འཁྲབ་སྟོན་དང་བཞུགས་མོལ་སྐབས་སུ། གཞན་ལ་བསམ་བློ་གཏོང་དགོས། བར་ཆད་བྱེད་པའི་སྤྱོད་ལམ་སྤང་དགོས། (སྐད་ཅོར་རྒྱག་པ་དང་། ཁ་པར་མང་པོ་བེད་སྤྱོད་གཏོང་བ། གཏམ་བཤད་པ་ལ་བར་ཆད་བྱེད་པ་སོགས་བྱེད་མི་ཆོག) དགའ་སྤྲོ་དང་སྲུང་བརྩི་ཞུ་རོགས། འོན་ཀྱང་གཞན་གྱི་བདེ་འཇགས་དང་རིག་གཞུང་གི་གཟི་བརྗིད་ལ་གནོད་པ་བྱེད་མི་རུང་། དུས་སྟོན་འདི་ནི་ང་ཚོ་ཕན་ཚུན་དང་ང་ཚོའི་ཤུལ་བཞག་མཐོར་འདེགས་བྱེད་པའི་སྐོར་ཡིན་པས། ཚང་མས་དགའ་སྤྲོ་ལྡན་པ་ཞིག་བཟོ་དགོས།
སྒྲིག་འགལ་མཇུག་འབྲས།
ང་ཚོས་སྒྲིག་ཁྲིམས་འདི་དང་འགལ་ཚེ་ཧ་ཅང་ཚབས་ཆེན་པོར་བརྩི་ཡི་ཡོད། དུས་སྟོན་སྒྲིག་འཛུགས་ཚོགས་པས་སྒྲིག་ལམ་འདི་དག་དང་འགལ་བའི་སྤྱོད་ལམ་གང་ཞིག་ལ་འཕྲལ་དུ་ལག་བསྟར་བྱེད་པའི་ཐོབ་ཐང་ཡོད། འབྱུང་སྲིད་པའི་མཇུག་འབྲས་ནི།
- ངག་ཐོག་ནས་ཉེན་བརྡ་གཏོང་བ་དང་ཡང་ན་སྒྲིག་ལམ་དྲན་སྐུལ་བྱེད་པ། ཚོགས་ཐུན་ངེས་ཅན་ཞིག་གམ་ཡང་ན་བྱེད་སྒོ་ཞིག་ནས་ཕྱིར་འབུད་གཏོང་བ་དང་ཡང་ན་འཛུལ་ཞུགས་བྱེད་རྒྱུར་བཀག་འགོག་བྱེད་པ། ཡང་ན་དུས་སྟོན་གྱི་ས་ཆ་ཡོངས་ནས་ཕྱིར་འབུད་གཏོང་བ་བཅས་ཡིན། གལ་ཏེ་ཁྱེད་རང་གི་སྤྱོད་ལོག་རྐྱེན་པས་ཕྱིར་འབུད་གཏོང་དགོས་བྱུང་ཚེ། འཕྲལ་དུ་འགྲོ་དགོས་པ་དང་གནས་སྟངས་དེ་འདྲ་འོག་འཛིན་བྱང་དང་ཡང་ན་རིན་འབབ་ཀྱི་འགྲོ་སོང་ཕྱིར་སློག་བྱེད་ཀྱི་མ་རེད།
- ལྷག་པར་དུ་ཛ་དྲག་ཆེ་བའི་སྤྱོད་ཚུལ་ལམ་ཁྲིམས་འགལ་གྱི་བྱ་སྤྱོད་(དཔེར་ན། ལུས་ལ་རྡུང་རྡེག་བྱེད་པ། རྐུ་མ་རྐུ་བ། རང་བཞིན་ཚབས་ཆེ་བའི་འཚེ་བ་བྱེད་པ། གཏོར་བཤིག་གཏོང་བ། ཁྲིམས་འགལ་གྱི་སྨན་རྫས་སམ་མཚོན་ཆ་བདག་བཟུང་བྱེད་པ་)བྱས་ཚེ་འཕྲལ་དུ་ཕྱིར་འབུད་གཏོང་རྒྱུ་དང་ས་གནས་ཀྱི་ཁྲིམས་ལ་གཏུག་རྒྱུ་ཡིན།
- གོ་སྒྲིག་ཚོགས་པས་ཀྱང་སྤྱོད་ལམ་སྒྲིག་གཞི་དང་འགལ་མཁན་གྱི་མི་སྒེར་རྣམས་མ་འོངས་པའི་བྱེད་སྒོ་ཁག་ལ་ཞུགས་མི་ཆོག་པའི་བཀག་སྡོམ་བྱེད་སྲིད། སྤྱོད་ལམ་གྱི་གནད་དོན་ཐོག་དུས་སྟོན་དོ་དམ་པས་ཐག་གཅོད་གང་བྱས་མཐའ་མའི་ཐག་གཅོད་ཡིན། ང་ཚོའི་གཙོ་གནད་ནི་བདེ་འཇགས་དང་གུས་ཞབས་ལྡན་པའི་ཁོར་ཡུག་ཅིག་སྐྲུན་རྒྱུ་དེ་ཡིན་ཞིང་། ང་ཚོས་དམིགས་འབེན་དེར་གནོད་པའི་གནས་སྟངས་གང་ཞིག་ལ་གདོང་ལེན་བྱེད་རྒྱུ་ཡིན།
- གལ་ཏེ་ཁྱེད་རང་སྤྱོད་ལམ་སྒྲིག་གཞི་དང་འགལ་བའི་རྐྱེན་གྱིས་བྱེད་སྒོ་ནས་ཕྱིར་འབུད་བཏང་ཚེ། དེའི་རྗེས་ཀྱི་འབྲས་བུ་གང་ཡོང་ལ་ཁྱེད་རང་ངོས་ནས་འགན་ཁུར་དགོས། (དཔེར་ན། རང་ཉིད་ཀྱི་འགྲིམ་འགྲུལ་གྱི་འགྲོ་སོང་རང་ཉིད་ཀྱི་གཏོང་དགོས)ང་ཚོས་ནམ་ཡང་ཉེས་ཆད་འདི་དག་གཏོང་མི་དགོས་པའི་རེ་བ་ཡོད་ཀྱང་། ང་ཚོའི་སྤྱི་ཚོགས་སྲུང་སྐྱོབ་བྱེད་ཆེད་སྒྲིག་གཞི་འདི་ལག་བསྟར་ནན་པོ་བྱ་རྒྱུ་ཡིན།
གནད་དོན་སྙན་སེང་ཞུ་བ།
ང་ཚོས་ཚང་མས་དོགས་ཟོན་བྱེད་པ་དང་། ཡང་ན་གལ་ཏེ་ཁྱེད་རང་ལ་སྤྱོད་ལམ་ངན་པ་རིགས་མྱོང་ཚོར་བྱུང་བ་དང་མཐོང་ཚེ་ང་ཚོར་བརྗོད་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་རང་ལ་བདེ་འཇགས་མེད་པའི་ཚོར་སྣང་བྱུང་བ་དང་ཡང་ན་སྒྲིག་གཞིའི་སྤྱོད་ལམ་དང་འགལ་མཁན་ཞིག་མཐོང་ཚེ་མགྱོགས་མྱུར་ངང་སྙན་སེང་ཞུ་རོགས། ཁྱེད་རང་གིས་གནད་དོན་དེ་ཐབས་ལམ་འགའ་ཤས་བརྒྱུད་ནས་སྙན་སེང་ཞུ་ཐུབ།
- དེ་ཡང་དངོས་སུ་ཐུག་པ།དུས་སྟོན་གོ་སྒྲིག་པ་དང་ལས་བྱེད་པ། ཡང་ན་དང་བླངས་ཞབས་ཞུ་བ་སུ་རུང་ལ་འབྲེལ་བ་བྱེད་དགོས། ང་ཚོའི་ལས་བྱེད་དང་དང་བླངས་ཞབས་ཞུ་བ་ཚང་མར་གནད་དོན་དེ་དག་ལ་གུས་ཞབས་ལྡན་པའི་ཐོག་ནས་ཐག་གཅོད་བྱེད་པའི་སྦྱོང་བརྡར་སྤྲད་ཡོད། ལས་བྱེད་རྣམས་ཐོ་འགོད་སྡེ་ཚན་དུ་ཡོད་པ་དང་ཡང་ན་ཁྱད་ལྡན་གྱི་ལག་རྟགས་དང་སྟོད་ཐུང་ངོས་ནས་ངོས་འཛིན་བྱེད་ཐུབ།
- གློག་འཕྲིན་བརྒྱུད།གལ་ཏེ་ཁྱེད་ཀྱིས་དེ་ལས་ལྷག་པ་ཞིག་བཤད་འདོད་པའམ་ཡང་ན་གནད་དོན་ཞིག་དུས་སྟོན་ཚར་རྗེས་བྱུང་ཚེ། ཁྱེད་ཀྱིས་ "info@tibetanyouthfestival.com" བརྒྱུད་ནས་ང་ཚོའི་རུ་ཁག་ལ་གློག་འཕྲིན་བསྐུར་ཆོག ཡིག་སྒམ་འདི་དུས་སྟོན་གོ་སྒྲིག་ཚོགས་ཆུང་གིས་གསང་བའི་ཐོག་ནས་ལྟ་རྟོག་བྱེད་ཀྱི་ཡོད།
- སྙན་ཞུ་འབྲི་སྐབས་ཁྱེད་རང་གིས་བློ་བདེ་པོའི་ངང་ནས་གང་ཐུབ་ཅི་ཐུབ་གྱིས་ཞིབ་ཚགས་བྲིས་ཆོག སྙན་ཞུ་ཚང་མ་གསང་བ་དང་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན། བདེ་འཇགས་དོན་དུ་དགོས་ངེས་དང་ཁྲིམས་མཐུན་ཡིན་ན་མ་གཏོགས། ང་ཚོས་ངོ་སྤྲོད་དང་ཞིབ་ཕྲའི་གནས་ཚུལ་རྣམས་ལན་འདེབས་འགན་འཁུར་ཡོད་པའི་རུ་ཁག་ཆུང་ངུ་ལས་གཞན་ལ་མི་སྤེལ།
- ཁྱེད་ཀྱིས་སྙན་ཞུ་འབུལ་སྐབས་མིང་དངོས་མ་བྲིས་ན་ཡང་ཆོག འོན་ཀྱང་ཁྱེད་ཀྱི་འབྲེལ་གཏུག་བྱེད་ས་སྤྲད་ཚེ་ང་ཚོས་ཞིབ་འཇུག་དང་རྗེས་འདེད་བྱེད་པར་ཕན་ཐོགས་ཡོང་ངེས། ང་ཚོས་སྙན་ཞུ་ཚང་མར་ཧ་ཅང་གིས་མཐོང་ཆེན་བྱེད་པ་དང་གནས་སྟངས་ལ་ནུས་ཚོད་ཀྱིས་ཞིབ་འཇུག་བྱེད་ངེས།
- ང་ཚོའི་རུ་ཁག་གིས་ཁྱེད་ལ་འབྲེལ་བ་བྱས་ཏེ་གནས་ཚུལ་མང་བ་བསྡུ་རུབ་བྱེད་སྲིད་པ་དང་གནད་དོན་ཐག་གཅོད་བྱེད་པར་མགྱོགས་མྱུར་ངང་ལས་ཀ་བྱེད་ངེས། སྙན་ཞུ་འབུལ་མཁན་སུ་ལའང་འཁོན་ལན་སློག་པར་བཟོད་བསྲན་བྱེད་མི་སྲིད། ཁྱེད་ཀྱིས་སྙིང་སྟོབས་ཆེན་པོའི་ངང་སྙན་ཞུ་འབུལ་བར་ང་ཚོས་བསྔགས་བརྗོད་ཞུ་རྒྱུ་ཡིན། དེས་ང་ཚོའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པར་ཕན་ཐོགས་ཀྱི་འདུག དོན་དངོས་སུ་མཉམ་ཞུགས་གནང་མཁན་ཚོས་འོས་འབབ་མེད་པའི་སྤྱོད་ལམ་ལ་ངོས་ལེན་མི་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་ཀྱིས་ནོར་འཁྲུལ་ཅིག་མཐོང་ཚེ་དེ་སེལ་པར་ང་ཚོར་བརྡ་སྤྲོད་རོགས། འདི་ལྟར་བྱས་ན་ང་ཚོས་ཚང་མས་ཕན་ཚུན་ལ་ལྟ་རྟོག་བྱེད་ཐུབ།
མཇུག་བསྡོམས།
རྒྱལ་སྤྱིའི་བོད་ཀྱི་ན་གཞོན་དུས་སྟོན་ཆེན་མོའི་ཆ་ཤས་སུ་མཉམ་ཞུགས་གནང་བ་དང་། སྤྱོད་ལམ་འདི་རྒྱུན་འཛིན་ཡོང་ཐབས་སུ་ནུས་པ་འདོན་གནང་མཛད་པར་ཐུགས་རྗེ་ཆེ་ཞུ། སྒྲིག་གཞི་འདི་དག་ལ་བརྟེན་ནས་ང་ཚོས་དུས་སྟོན་འདིར་དགའ་བསུ་དང་དྲོ་སྐྱིད་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་ངེས། དེ་ཡང་བོད་ཀྱི་རིག་གཞུང་ལ་གུས་ཞབས་དང་། མཉམ་ཞུགས་པ་ཚང་མས་འཇིགས་སྐྲག་མེད་པར་སློབ་སྦྱོང་དང་། འབྲེལ་འདྲིས། འཁྲབ་སྟོན། དགའ་སྤྲོ་བཅས་བསྐྲུན་ཐུབ་པའི་གནས་ཤིག་ཡིན། ང་ཚོས་འདུས་སྡུད་དང་རིག་གཞུང་ལ་གུས་ཞབས། བདེ་འཇགས་བཅས་ཀྱི་རྩ་དོན་འདི་དག་ལ་བློ་གཏད་བཅོལ་ཡོད་ལ། ཁྱེད་རྣམས་ཀྱིས་ཀྱང་དེ་ལྟར་ཡིན་པར་ང་ཚོས་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་མཉམ་རུབ་ཀྱིས་གུས་ཞབས་དང་། མཐུན་སྒྲིལ། སྤྱོད་ལོག་ལ་བཟོད་བསྲན་མེད་པའི་རིན་ཐང་མཚོན་པའི་བྱེད་སྒོ་ཞིག་བསྐྲུན་ཐབས་བྱེད་པར་འབད་བརྩོན་བྱེད་དགོས། གལ་ཏེ་ང་ཚོ་ཚང་མས་སྤྲོ་སྣང་ལྡན་པའི་རྣམ་པ་ཞིག་བསྐྲུན་ཐུབ་ཚེ། དུས་སྟོན་འདི་ནི་འབྲེལ་ཡོད་ཚང་མར་ངར་ཤུགས་སྦྱིན་ཞིང་བརྗེད་དཀའ་བའི་ཉམས་མྱོང་ཞིག་ཏུ་འགྱུར་ངེས། སྒྲིག་གཞི་འདི་དག་ལ་བརྩི་བཀུར་དང་མཐུན་འགྱུར་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག ཁྱེད་རྣམས་དུས་སྟོན་འདིར་དགའ་སྤྲོ་ལྡན་པའི་དུས་ཤིག་ཡོང་བའི་སྨོན་འདུན་ཞུ།